.webp)
Song 1
To see the translation of this Text, please go here!
རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་།།
སྤྲང་ལན་གཅིག་གཙང་ཕྱོགས་ཡར་ལ་འགྲོ།
འབངས་ལན་གཅིག་ཡུལ་དུ་འགྲོ་བ་ལ།།
ཕ་བླ་མ་རྗེ་ཡི་བཀའ་དྲིན་གྱིས།།
གཙང་སིལ་མ་ལ་ཡི་ལ་རྩེ་ན།།
བརྟན་མ་བཅུ་གཉིས་ཀྱི་བསུ་བ་ཡོད།།
རྗེ་བྱིན་བརླབས་ཅན་ལ་གསོལ་བ་འདེབས།།
རྒྱབ་རྟེན་དཀོན་མཆོག་གསུམ་ལ་འཆོལ།།
གནས་གསུམ་མཁའ་འགྲོའི་སྐྱེལ་མ་ཡོད།།
གྲོགས་བྱང་ཆུབ་སེམས་དང་འགྲོགས་ནས་འགྲོ།
བསུན་མར་ལྷ་སྲིན་སྡེ་བརྒྱད་ཡོད།།
སྡང་བ་དགྲ་ཡི་འཇིགས་དང་བྲལ།།
འོན་ཀྱང་ཞུ་བ་འབུལ་བ་ལ།།
འདི་ཕྱི་གཉིས་ཀྱི་སྐྱེལ་བསུ་ཞུ།།
བར་ཆད་རྐྱེན་གྱི་བཟློག་པ་ཞུ།།
ལུས་ངག་སེམས་ལ་བསྲུང་བ་ཞུ།།
སྨོན་ལམ་ཐུགས་ཁུར་རྟེན་འབྲེལ་ཞུ།།
ཐུགས་རྗེ་ནུས་པའི་དབང་བསྐུར་ཞུ།།
རྒྱུད་ལུང་མན་ངག་གི་རྒྱབ་རྟེན་ཞུ།།
ཚེ་རིང་ནད་མེད་ཀྱི་བཀྲ་ཤིས་ཞུ།།
སྤྲང་པོའི་སྐྱིད་སྡུག་ཁྱེད་རང་མཁྱེན།།
རི་ཁྲོད་ཐུབ་པར་བྱིན་གྱིས་རློབས།།
སྤྲང་པོའི་སྐྱིད་སྡུག་ཁྱེད་རང་མཁྱེན།།
རི་ཁྲོད་ཐུབ་པར་བྱིན་གྱིས་རློབས།།
Whole stanza
at normal pace
Spelling of each line
Each line at
slow pace
Each line at
normal pace
.webp)
Song 1
To see the translation of this Text, please go here!
Spelling of each line
Each line at
slow speed
Each line at
normal pace
རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན།།
སྒྲ་སྒྱུར་མྲ་པའི་བཀའ་ལུང་བཞིན།།
ཕ་ཡུལ་བདུད་ཀྱི་བཙོན་ར་རུ།།
མི་རྟག་སྒྱུ་མའོ་སློབ་དཔོན་བྱུང་།།
སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན།།
མི་རྟག་མི་བརྟན་འགྱུར་ཞིང་འགྲོ།།
སྒོས་འཁོར་བའི་ཆོས་ལ་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
ཕ་ཡོད་ཙ་ན་བུ་ང་མེད།།
བུ་ཡོད་ཙ་ན་ཕ་ཡང་མེད།།
གཉིས་ཀ་འཛོམ་རུང་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
མ་ཡོད་ཙ་ན་བུ་ང་མེད།།
བུ་ང་སླེབས་ཚེ་མ་རྒན་གྲོངས།།
གཉིས་ཀ་འཛོམ་རུང་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
སྲིང་མོ་ཡོད་ཚེ་མིང་པོ་མེད།།
མིང་པོ་སླེབ་ཚེ་སྲིང་མོ་འཁྱར།།
གཉིས་ཀ་འཛོམ་རུང་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
དམ་ཆོས་ཡོད་ཚེ་ཞབས་ཏོག་མེད།།
ཞབས་ཏོག་སླེབ་ཚེ་ཐིགས་པས་གདུངས།།
གཉིས་ཀ་འཛོམ་རུང་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
ཁང་པ་ཡོད་ཚེ་བདག་པོ་མེད།།
བདག་པོ་སླེབ་ཚེ་ཁང་པ་རལ།།
གཉིས་ཀ་འཛོམ་རུང་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
བཤོས་ཞིང་ཡོད་ཚེ་བདག་པོ་མེད།།
བདག་པོ་སླེབ་ཚེ་འཇག་སྐྱ་འཕྱུར།།
གཉིས་ཀ་འཛོམ་རུང་སྙིང་པོ་མེད།།
བུ་ང་སྙིང་པོའི་ལྷ་ཆོས་བྱེད།།
ཕ་ཡུལ་པ་ཁང་ཕ་ཞིང་སོགས།།
འཁོར་བའི་སྙིང་པོ་མེད་པའི་ཆོས།།
དེ་རྣམས་སེམས་ཅན་སུ་དགའ་ཁྱེར།།
བུ་ང་ཐར་པ་སྒྲུབ་ཏུ་འགྲོ།།
བྲག་དཀར་རྟ་སོར་སྒོམ་དུ་འགྲོ།།
ཕ་དྲིན་ཅན་མར་པ་ལོ་ཙཱ་བ།།
སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།
སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།
Whole stanza
at normal pace
.webp)
Song 1
Để xem bản dịch của Bài Luận này, Người Nhà hãy vào đây!
Spelling of each line
Each line at
slow pace
Each line at
normal pace
རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས།།
སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།
ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་།།
སྡུག་པ་དགྲ་ཡིས་མ་ཚོར་བར།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་།།
ན་བ་སྲིང་མོས་མ་ཚོར་བར།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ཤི་བ་མི་ཡིས་མ་ཚོར་ཞིང་།།
རོ་རུལ་བྱ་ཡིས་མ་མཐོང་བར།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ཤ་རུལ་སྦྲང་མས་འཇིབས་པ་དང་།།
རྩ་རྒྱུས་འབུ་ཡིས་ཟ་བ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ང་སྒོ་ན་མི་རྗེས་མེད་པ་དང་།།
ནང་ན་ཁྲག་རྗེས་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
རོ་ལ་འཁོར་མི་མེད་པ་དང་།།
ཤི་ན་ངུ་མི་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ང་གར་སོང་འདྲི་མི་མེད་པ་དང་།།
འདིར་སོང་གཏད་སོ་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
མི་མེད་ལུང་བའི་བྲག་ཕུག་ཏུ།།
སྤྲང་པོ་འཆི་བའི་སྨོན་ལམ་འདི།།
འགྲོ་བའི་དོན་ལ་ཐེབས་པར་ཤོག།
ཐེབས་ན་བསམ་པ་རྫོགས་པ་ཡིན།།
Whole stanza
at normal pace
.webp)
Song 1
To see translation of this Text, please go here!
Spelling of each line
Each line at
slow pace
Each line at
normal pace
བདག་གི་ཞལ་མཐོང་གསུང་ཐོས་དང་།།
རྣམ་ཐར་ཡིད་ལ་དྲན་པ་དང་།།
མཚན་ནམ་རྣམ་ཐར་ཐོས་ཚད་རྣམས།།
མངོན་དགའི་ཞིང་དུ་མཇལ་བར་ཤོག།
གང་ཞིག་བདག་གི་རྣམ་ཐར་ལ།།
འདྲི་ཞིང་འཆད་ཉན་བྱེད་པ་དང་།།
ཀློག་དང་ཕྱག་མཆོད་འབུལ་བ་རྣམས།།
མངོན་དགའི་ཞིང་དུ་མཇལ་བར་ཤོག།
མི་ལ་བཞད་པ་རྡོ་རྗེ་མཁྱེན།།
ཁྱེད་ཀྱི་༧ཞབས་ལ་གསོལ་བ་འདེབས།།
ཀློག་དང་ཕྱག་མཆོད་འབུལ་བ་རྣམས།།
མངོན་དགའི་ཞིང་དུ་མཇལ་བར་ཤོག།
མ་འོངས་གང་ཟག་ཐམས་ཅད་ལ།།
གལ་ཏེ་སྒོམ་པ་ནུས་སྲིད་ན།།
[མི་]ཁོ་བོས་དཀའ་བ་སྤྱད་སྤྱད་པས།།
གེགས་དང་གོལ་ས་མེད་པར་ཤོག།
ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ།།
བསོད་ནམས་དཔག་ཏུ་མེད་པ་ཡོད།།
[མི་]ཁོ་བོའི་རྣམ་ཐར་ཐོས་པ་ལ།།
བྱིན་རླབས་དཔག་ཏུ་མེད་པ་ཡོད།།
མི་ལ་བཞད་པ་རྡོ་རྗེ་མཁྱེན།།
ཁྱེད་ཀྱི་༧ཞབས་ལ་གསོལ་བ་འདེབས།།
[མི་]ཁོ་བོའི་རྣམ་ཐར་ཐོས་པ་ལ།།
བྱིན་རླབས་དཔག་ཏུ་མེད་པ་ཡོད།།
བདག་གི་གནས་དང་གནས་མལ་དང་།།
དངོས་པོ་མཆིས་པ་ཐམས་ཅད་ཀྱིས།།
གར་སོང་ཡུལ་དུ་བདེ་སྐྱིད་ཤོག།
གར་སོང་ཡུལ་དུ་བདེ་སྐྱིད་ཤོག།
ས་དང་ཆུ་དང་མེ་དང་རླུང་།།
ནམ་མཁའ་འབྱུང་བས་གར་ཁྱབ་པ།།
དེ་བཞིན་བདག་གིས་ཁྱབ་པར་ཤོག།
དེ་བཞིན་བདག་གིས་ཁྱབ་པར་ཤོག།
མི་ལ་བཞད་པ་རྡོ་རྗེ་མཁྱེན།།
ཁྱེད་ཀྱི་༧ཞབས་ལ་གསོལ་བ་འདེབས།།
དེ་བཞིན་བདག་གིས་ཁྱབ་པར་ཤོག།
དེ་བཞིན་བདག་གིས་ཁྱབ་པར་ཤོག།
ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་།།
དེ་བཞིན་གཞི་བདག་འབྱུང་པོའི་ཚོགས།།
གནོད་པ་སྐད་ཅིག་མི་སྐྱེལ་ཞིང་།།
བསམ་པ་ཆོས་བཞིན་འགྲུབ་པར་ཤོག།
སྲོག་ཆགས་སྲིན་བུ་ལ་སོགས་པ།
གཅིག་ཀྱང་འཁོར་བར་མི་ལྟུང་ཞིང་།།
མ་ལུས་ང་ཡིས་འདྲེན་པར་ཤོག།
མ་ལུས་ང་ཡིས་འདྲེན་པར་ཤོག།
མི་ལ་བཞད་པ་རྡོ་རྗེ་མཁྱེན།།
ཁྱེད་ཀྱི་༧ཞབས་ལ་གསོལ་བ་འདེབས།།
མ་ལུས་ང་ཡིས་འདྲེན་པར་ཤོག།
མ་ལུས་ང་ཡིས་འདྲེན་པར་ཤོག།
མ་ལུས་ང་ཡིས་འདྲེན་པར་ཤོག།
མ་ལུས་ང་ཡིས་འདྲེན་པར་ཤོག།
མ་ལུས་ང་ཡིས་འདྲེན་པར་ཤོག།
མ་ལུས་ང་ཡིས་འདྲེན་པར་ཤོག། &n