
ཉི་མའི་བླ་མ་མཇལ་ཡག་གི་འདུན་པ་དྲག་པོ།
Nyima Mong Mỏi Được Gặp Đạo Sư
བཀྲ་ཤིས་བདེ་ལེགས།
Greetings!
ང་ཉི་མ་ཡིན།
I am Nyima.
ང་ཝེཊ་ནཱམ་ནས་ཡིན།
I am from Vietnam.
ང་སློབ་ཕྲུག་ཡིན།
I am a student.
ང་ངའི་ཨ་མ་ལགས་དང་ཆོས་གྲོགས་གསུམ་མཉམ་དུ་བལ་ཡུལ་ལ་སླེབས་ཡོད།
I arrived in Nepal with my mother and three Dharma friends.
ངའི་ཨ་མ་ལགས་ཀྱི་མཚན་ལ་ཀུན་སྐྱིད་ལགས་ཞུ་གི་ཡོད་རེད།
My mother's name is called Kunskyilag.
ངའི་ཆོས་གྲོགས་ཁོང་ཚོའི་མཚན་ལ་ཟླ་བ་ལགས་དང་རྡོ་རྗེ་ལགས་དང་ལྷ་མོ་ལགས་ཞུ་གི་ཡོད་རེད།
My Dharma friend's names are called Dawalag, Dorjelag and Lhamolag.
ང་ཚོ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཞབས་སྐོར་གསུམ་གྲུབ་པ་ད་ག་ཡིན།
We have just circumambulated three times at Boudhanath Stupa.
ད་ལྟ་ངའི་ཨ་མ་ལགས་བསང་བཏང་གནང་གི་འདུག
Now, my mother is offering incense.
ཁོང་བསང་བཏང་གནང་ཡག་གྲུབ་པ་ད་ག་ང་ཚོ་ཚང་མ་བླ་མ་མཇལ་གར་འགྲོ་ཡག་ཡིན།
As soon as my mother finishes offering incense, we plan to go visit Lama.
བླ་མ་ལགས་མཆོད་རྟེན་གྱི་ཉེ་འགྲམ་ལ་བཞུགས་ཀྱི་ཡོད་རེད།
Lama lives nearby the Stupa.
ཁོང་དང་མཇལ་ཡག་འདི་ང་ལ་ཐེངས་མ་དང་པོ་རེད།
This is my first time meeting Lama.
སྔོན་མ་ངས་བླ་མའི་སྐུ་པར་གཅིག་མཇལ་སོང་།
I saw a photo of Lama before.
སྐུ་པར་དེ་ལ་བླ་མའི་སྤྱན་དཔེ་མི་སྲིད་པའི་བྱམས་བརྩེ་དང་ལྡན་པ་ཡོད་ཙང་སྐུ་པར་དེ་ག་དུས་མཇལ་ན་ཡང་ངའི་སེམས་པ་དཔེ་ལྷོད་ལྷོད་ཆགས་ཀྱི་འདུག
In that photo, because the Lama’s eyes are endowed with incomparable love and compassion, whenever I see it, my mind becomes very relaxed.
ད་དུང་ངའི་ཨ་མ་ལགས་ཀྱིས་ང་ལ་བླ་མ་ཁོང་གི་གསུང་སེང་གེའི་ང་རོ་འདྲ་པོ་ཡོད་རེད་གསུངས་བྱུང་།
Moreover, my mother has told me that "Lama’s voice is similar to the roar of a lion“.
ཨ་ཙི་དེ་རིང་གཞི་ནས་ངས་བླ་མ་ལགས་དངོས་སུ་མཇལ་གྱི་རེད།
Oh! I finally got to meet Lama in person today.
འདི་འདྲའི་དགའ་བ་ལ་ཨཱ།
What a joy!
ཚིག་དོན། Word meaning:
བཀྲ་ཤིས་བདེ་ལེགས།
Greetings!
ང་ I/me, | ཉི་མ་ Nyima, | ཡིན to be (am, is, are, etc), །
ང་ I/ me, | ཝེཊ་ནཱམ་ནས་ from Vietnam, | ཡིན to be (am, is, are, etc),།
ང་ I/ me, | སློབ་ཕྲུག་ student, | ཡིན to be (am, is, are, etc), །
I am a student.
ང་ I/ me, | ངའི་ my, ཨ་མ་ལགས་ mother, དང་ and, ཆོས་གྲོགས་ Dharma friends, གསུམ་ three, མཉམ་དུ་ together, | བལ་ཡུལ་ Nepal, ལ་ to, | སླེབས་ arrived, ཡོད to be there, to have/has had, །
ངའི་ my, ཨ་མ་ལགས་ mother (honorific) , ཀྱི་ of, མཚན་ name (honorific), ལ་ to, | ཀུན་སྐྱིད་ལགས་ Kunskyilag (honorific), | ཞུ་ called (honorific), གི་ཡོད་རེད to be there, to have/has had, །
My mother's name is Kunskyilag.
ངའི་ my ཆོས་གྲོགས་ Dharma friends, ཁོང་ཚོའི་ their, མཚན་ name (honorific), ལ་ to, | ཟླ་བ་ལགས་ Dawalag (honorific), དང་ and, རྡོ་རྗེ་ལགས་ Dorjelag (honorific), དང་ and, ལྷ་མོ་ལགས་ Lhamolag (honorific), | ཞུ་ called (honorific), གི་ཡོད་རེད to be there, to have/has had, །
ང་ཚོ་ we, | མཆོད་རྟེན་བྱ་རུང་ཁ་ཤོར་ Boudhanath stupa, ལ་ in, at, | ཞབས་སྐོར་ Kora (honorific) གསུམ་ three, | གྲུབ་ accomplished, circumambulated, པ་ད་ག་ཡིན am/is/are just, །
ད་ལྟ་ now, > ངའི་ my, ཨ་མ་ལགས་ mother (honorific), | བསང་ smoke, incense, | བཏང་གནང་གི་འདུག is offering/giving away (honorific),
ཁོང་ he, she (mother), + བསང་ smoke, incense, + བཏང་གནང་ཡག་ about doing offering, - གྲུབ་ accomplished (honorific), པ་ད་ག་ as soon as, > ང་ཚོ་ཚང་མ་ all of us, | བླ་མ་ Lama - མཇལ་ meet, visit (honorific), གར་ to, | འགྲོ་ཡག་ཡིན plan to go, །
བླ་མ་ལགས་ Lama (honorific), | མཆོད་རྟེན་ stupa, གྱི་ of, ཉེ་འགྲམ་ nearby, ལ་ to, | བཞུགས་ stay, live, (honorific), ཀྱི་ཡོད་རེད to be there, to have/has/had, །
ཁོང་ he, she (Lama), དང་ and, - མཇལ་ཡག་འདི་ this meeting, | ང་ I/me, ལ་ to, | ཐེངས་མ་ time, དང་པོ་ first, | རེད to be (am/is/are), །
སྔོན་མ་ before, > ངས་ by me, | བླ་མའི་ of Lama, སྐུ་པར་ photo (honorific), གཅིག་ one, | མཇལ་སོང་ had seen, །
སྐུ་པར་ photo, དེ་ that, ལ་ to, - བླ་མའི་ of Lama, སྤྱན་ eyes (honorific), + དཔེ་མི་སྲིད་པའི་ incomparable, བྱམས་བརྩེ་ love and compassion, དང་ with, + ལྡན་པ་ endowed, - ཡོད་ཙང་ because, > སྐུ་པར་ photo, དེ་ that - ག་དུས་ anytime, whenever, - མཇལ་ see, ན་ཡང་ although, even if, > ངའི་ my, སེམས་པ་ mind, | དཔེ་ very, | ལྷོད་ལྷོད་ relaxed, at ease, | ཆགས་ཀྱི་འདུག become,
ད་དུང་ still, furthermore, > ངའི་ my, ཨ་མ་ལགས་ mother (honorific), ཀྱིས་ by, | བླ་མ་ Lama, ཁོང་ he, she (Lama) གི་ of, གསུང་ voice (honorific), - སེང་གེའི་ of lion ང་རོ་ roar - འདྲ་པོ་ཡོད་རེད་ is similar to, | གསུངས་བྱུང་ said so (honorific), །
ཨ་ཙི་ oh, > དེ་རིང་ today, > གཞི་ནས་ finally, | ངས་ by me | བླ་མ་ལགས་ Lama, | དངོས་སུ་ directly, | མཇལ་ meet, ཀྱི་རེད to be (am, is, are, etc), །
འདི་འདྲའི་དགའ་བ་ལ་ཨཱ How joyful, །
1. Honorifics are not to be used on oneself
On oneself
ང་
ངའི་མིང་ལ་ཉི་མ་ཟེར་གི་ཡོད་རེད།
On respected subject
ཨ་མ་ལགས་
ངའི་ཨ་མ་ལགས་ཀྱི་མཚན་ལ་ཀུན་སྐྱིད་ལགས་ཞུ་གི་ཡོད་རེད།
2. Honorifics are not to be used on oneself
General
སྐོར་ར་
Related to the respected subject
(Honorifics do not go directly to an object or animal, but rather to its owner/doer, who is the subject of respect)
ཞབས་སྐོར་ (in this case, since a Stupa represents Buddha’s pure mind, it is not an ordinary, but an honorable object)
Broken
ངའི་ཨ་མ་ལགས་ཀྱི་མཚན་ལ་ཀུན་སྐྱིད་ལགས་ཟེར་གི་ཡོད་རེད།
Complete
ངའི་ཨ་མ་ལགས་ཀྱི་མཚན་ལ་ཀུན་སྐྱིད་ལགས་ཞུ་གི་ཡོད་རེད།

Structures:
བྱ་ཚིག་འདས་པ་ + པ་ད་ག་ཡིན་/རེད་
Past Verb + པ་ད་ག་ཡིན་/རེད་
(Meaning: have/has just finished...)
དཔེ། Example:
1.
ང་ཚོ་ | མཆོད་རྟེན་བྱ་རུང་ཁ་ཤོར་ལ་ | ཞབས་སྐོར་གསུམ་ | གྲུབ་པ་ད་ག་ཡིན།
ང་ཚོ་ we, | མཆོད་རྟེན་བྱ་རུང་ཁ་ཤོར་ Boudhanath stupa, ལ་ in, at, | ཞབས་སྐོར་ Kora, གསུམ་ three, | གྲུབ་ accomplished, circumambulated, པ་ད་ག་ཡིན am/is/are just, །
2.
བླ་མ་ལགས་ | ཞལ་ལག་ - མཆོད་ | གྲུབ་པ་ད་ག་རེད།
བླ་མ་ལགས་ Lama, | ཞལ་ལག་ food, - མཆོད་ eaten, eat, | གྲུབ་ completed/accomplished, པ་ད་ག་རེད am/is/are just, །
3.
ངོ་ཚོ་ཡང་ | ཁ་ལག་ - ཟས་ | ཚར་པ་ད་ག་ཡིན།
ངོ་ཚོ་ we, ཡང་ also, | ཁ་ལག་ food, - ཟས་ ate, | ཚར་ finished/completed, པ་ད་ག་ཡིན am/is/are just, །
བྱ་ཚིག་འདས་པ་ + པ་ད་ག་
Past Verb + པ་ད་ག་
(Meaning: as soon as having done...)
དཔེ། Example:
1.
ཁོང་ | བསང་བཏང་གནང་ཡག་ | གྲུབ་པ་ད་ག་ > ང་ཚོ་ཚང་མ་ | བླ་མ་ - མཇལ་ གར་ | འགྲོ་ཡག་ཡིན
ཁོང་ he, she (mother), | བསང་ smoke, incense, བཏང་གནང་ཡག་ about doing offering, | གྲུབ་ accomplished (honorific), པ་ད་ག་ as soon as, > ང་ཚོ་ we, ཚང་མ་ all, | བླ་མ་ Lama, - མཇལ་ meet, visit (honorific), གར་ to, | འགྲོ་ཡག་ཡིན plan to go, །
2.
བླ་མ་ལགས་ | ཞལ་ལག་ - མཆོད་ | གྲུབ་པ་ད་ག་ > ཆར་པ་ | བབ་སོང་།
བླ་མ་ལགས་ Lama, | ཞལ་ལག་ food, - མཆོད་ eaten, eat, | གྲུབ་ completed/accomplished, པ་ད་ག་ as soon as, > ཆར་པ་ rain, | བབ་སོང་ fallen, །
3.
ངོ་ཚོ་ | ཁ་ལག་ - ཟས་ | ཚར་པ་ད་ག་ > ཁོང་ཚོ་ | ཕེབས་སོང་།
ངོ་ཚོ་ we, | ཁ་ལག་ food, - ཟས་ eaten, | ཚར་ finished/completed, པ་ད་ག་ as soon as, > ཁོང་ཚོ་ they, | ཕེབས་སོང་ arrived, །
བྱ་ཚིག་འདས་པ་ + ཡག་
Past Verb + ཡག་
(Meaning: the act of doing something)
དཔེ། Example:
1.
ཁོང་ | བསང་བཏང་གནང་ཡག་ | གྲུབ་པ་ད་ག་ > ང་ཚོ་ཚང་མ་ | བླ་མ་ - མཇལ་གར་ | འགྲོ་ཡག་ཡིན།ཁོང་ | བསང་བཏང་གནང་ཡག་ | གྲུབ་པ་ད་ག་ > ང་ཚོ་ཚང་མ་ | བླ་མ་ - མཇལ་གར་ | འགྲོ་ཡག་ཡིན།
ཁོང་ he, she (mother), | བསང་ smoke, incense, བཏང་གནང་ཡག་ about doing offering, | གྲུབ་ accomplished (honorific), པ་ད་ག་ as soon as, > ང་ཚོ་ we, ཚང་མ་ all, | བླ་མ་ Lama, - མཇལ་ meet, visit (honorific), གར་ to, | འགྲོ་ཡག་ཡིན plan to go, །
2.
ཁོང་དང་ - མཇལ་ཡག་འདི་ | ང་ལ་ | ཐེངས་མ་དང་པོ་ | རེད
ཁོང་ he (Lama), དང་ and, - མཇལ་ཡག་ the meeting, འདི་ this | ང་ I,me, ལ་ to, | ཐེངས་མ་ time, དང་པོ་ first, | རེད is/are, །
3.
ང་ཆོ་ | བློབ་སྦྱོང་བྱེད་ཡག་ལ་ | དགའ་པོ་ཡོད
ང་ཆོ་ we, | བློབ་སྦྱོང་བྱེད་ཡག་ about studying, ལ་ toward, | དགའ་པོ་ like, ཡོད there is/are, །
བྱ་ཚིག་ + ཙང་
Any Verb + ཙང་
(Meaning: Because having done...)
དཔེ། Example:
1.
སྐུ་པར་དེ་ལ་ - བླ་མའི་སྤྱན་ * དཔེ་མི་སྲིད་པའི་ < བྱམས་བརྩེ་དང་ + ལྡན་པ་ - ཡོད་ཙང་ > སྐུ་པར་དེ་ - ག་དུས་ - མཇལ་ན་ཡང་ > ངའི་སེམས་པ་ | དཔེ་ལྷོད་ལྷོད་ | ཆགས་ཀྱི་འདུག
སྐུ་པར་ photo, དེ་ that, ལ་ to, - བླ་མའི་ of Lama, སྤྱན་ eyes (honorific), * དཔེ་མི་སྲིད་པའི་ extraordinary, < བྱམས་བརྩེ་ compassionate, དང་ with, + ལྡན་པ་ endowed, - ཡོད་ཙང་ because, > སྐུ་པར་ photo, དེ་ that, - ག་དུས་ when, - མཇལ་ see, ན་ཡང་ even if, even though, > ངའི་ my, སེམས་པ་ mind, | དཔེ་ very, ལྷོད་ལྷོད་ at ease, relaxed, | ཆགས་ become, ཀྱི་འདུག there is/are,
2.
དམ་པའི་ཆོས་ - མཇལ་ཡག་འདི་ | ང་ཚོ་ལ་ - བསོད་ནམས་ - ཡོད་ཙང་ | རེད།
དམ་པ noble, genuine, འི་ of, ཆོས་ Dharma, - མཇལ་ཡག་ the meeting, འདི་ this | ང་ཚོ་ we, ལ་ to, with, - བསོད་ནམས་ merit, - ཡོད་ཙང་ because, | རེད is/are, །
3.
ང་ - ཆོས་པ་ - ཡིན་ཙང་ > ཆོས་སྐད་ - ཤེས་ | དགོས་རེད།
ང་ I/me, - ཆོས་པ་ practitioner, - ཡིན་ to be (am, is, are, etc), ཙང་ because, > ཆོས་སྐད་ Dharma language, - ཤེས་ know, | དགོས་ need, རེདis/are, །
ཡུལ་ཅན་+ ལ་ + ཐེངས་མ་(དང་པོ་/གཉིས་པ་/གསུམ་པ་ལ་སོགས་པ་) + རེད་/མ་རེད།
Subject + ལ་ + ཐེངས་མ་ (first/second/third, etc) + རེད་/མ་རེད།
(Meaning: this is .... time for me.)
དཔེ། Example:
1.
ཁོང་དང་ - མཇལ་ཡག་འདི་ | ང་ལ་ | ཐེངས་མ་དང་པོ་ | རེད།
ཁོང་ he (Lama), དང་ and, - མཇལ་ཡག་ the meeting, འདི་ this, | ང་ I, me, ལ་ to, | ཐེངས་མ་ time, དང་པོ་ first, | རེད is/are, །
2.
བལ་ཡུལ་ལ་ - ཡོང་ཡག་འདི་ | ང་ལ་ | ཐེངས་མ་གཉིས་པ་ | རེད།
བལ་ཡུལ་ Nepal, ལ་ to, - ཡོང་ཡག་ the trip, འདི་ this, | ང་ I, me, ལ་ to, | ཐེངས་མ་ time, གཉིས་པ་ second, | རེད is/are, །
3.
རྡོ་རྗེ་གདན་ལ་ - ཕེབས་ཡག་འདི་ | ངའི་ཨ་མ་ལགས་ལ་ | ཐེངས་མ་དང་པོ་ | མ་རེད།
རྡོ་རྗེ་གདན་ Bodhgaya, ལ་ to, - ཕེབས་ཡག་ coming, visiting, arriving, འདི་ this | ངའི་ my, ཨ་མ་ལགས་ mother, ལ་ to, | ཐེངས་མ་ time, དང་པོ་ first, | མ་རེད is/are not, །
ད་ལྟ་
Time-Related Adverb: Now, etc
དཔེ། | Ví dụ:
ད་ལྟ་ > ངའི་ཨ་མ་ལགས་ | བསང་ | བཏང་གནང་གི་འདུག
ད་ལྟ་ now, > ངའི་ my, ཨ་མ་ལགས་ mother (honorific), | བསང་ smoke, incense, | བཏང་གནང་གི་འདུག is offering/giving away (honorific),
ད་དུང་
Conjunctional Adverb: Furthermore / Additionally, etc
དཔེ། | Ví dụ:
ད་དུང་ > ངའི་ཨ་མ་ལགས་ཀྱིས་བླ་མ་ཁོང་གི་གསུང་ - སེང་གེའི་ང་རོ་ - འདྲ་པོ་ཡོད་རེད་ | གསུངས་བྱུང་།
ད་དུང་ still, furthermore, > ངའི་ my, ཨ་མ་ལགས་ mother (honorific), ཀྱིས་ by, | བླ་མ་ Lama, ཁོང་ he, she (Lama) གི་ of, གསུང་ voice (honorific), - སེང་གེའི་ of lion ང་རོ་ roar - འདྲ་པོ་ཡོད་རེད་ is similar to, | གསུངས་བྱུང་ said so (honorific), །
བྱ་ཚིག་འདས་པ་ + པ་ད་ག་ཡིན་/རེད་
Động Từ Quá Khứ + པ་ད་ག་ཡིན་/རེད་
(Nghĩa: vừa mới làm xong việc gì đó)
དཔེ། | Ví dụ:
1. འདི་འདྲའི་དགའ་བ་ལ་ཨཱ། Oh, what joy!
2. འདི་འདྲའི་སྐྱིད་པ་ལ་ཨཱ། Oh, what happiness!
3. འདི་འདྲའི་སྐལ་པ་བཟང་བ་ལ་ཨཱ། Oh, what great merits!
Mini Practicing Quiz:


.webp)
