
Dawa's Beautiful Memory of
The First Time Meeting Lama
ཟླ་བས་བླ་མ་ཐོག་མར་
མཇལ་བའི་སྐབས་ཀྱི་དྲན་ཚོར།
ཚིག་དོན། Word meaning:
བཀྲ་ཤིས་བདེ་ལེགས Greetings, །
ང་ I, me, | ཉི་མ་ལགས་ཀྱི་ of Nyima (honorific), ཆོས་གྲོགས་ Dharma friend, | ཡིན am/is/are, །
ངའི་ mine, མིང་ name, ལ་ to, | ཟླ་བ་ Dawa, | ཟེར་གྱི་ཡོད is called, །
ང་ I, me, - བླ་མ་ Dawa, དང་ with, - མཇལ་ཡག་ meeting, འདི་ this, | ཐེངས་མ་ time, གཉིས་པ་ second, | རེད am/is/are, །
བལ་ཡུལ་ Nepal, ལ་ in, | ཐེངས་མ་ time, འདི་ this, དང་ and, སྔོན་མ་ last time, གཉིས་ཀ་ both, | ཨ་མ་ mother, ཀུན་སྐྱིད་ལགས་ Kunskyilag (honorific), ཀྱིས་ by, | ཁྲིད་གནང་པ་རེད was led (honorific), །
ངའི་ mine, དྲན་ཡག་ the remembering, ལ་ to, :
བླ་མའི་ of Lama, ཞལ་རས་ face (honorific), - ཐེངས་མ་ time, དང་པོ་ the first, - མཇལ་ meet, དུས་ at the time of, > ང་ I, me, | མང་པོ་ a lot, ངུས་ cried, | ཤོར་སོང་ lost control, །
དེ་དུས་ at that moment, > ང་ I, me, ལ་ to, in, | བཤད་མ་ཤེས་པའི་ that is unable to describe, ཚོར་བ་ feeling, གཅིག་ one, | སྐྱེས་བྱུང་ has arisen, has grown, །
ཚོར་བ་ feeling, དེ་ that, འདྲ་ like, similar, | ང་ I, me, ལ་ to, སྔོན་མ་ before, | ཙ་ནས་ at all, | ཚོར་མྱོང་ had experienced, མེད there is no, without, །
ཚོར་བ་ feeling, དེ་ that - ག་དུས་ when, - དྲན་ remember, ན་ཡང་ even though, even if, > ངའི་ mine, སེམས་ mind, ལ་ in, | དགའ་བ་ joy, ཆེན་པོ་ great, གཅིག་ one, | སྐྱེ་གི་འདུག arises,
ཐེངས་མ་ time, དང་པོ་ first, དེ་ that, ལ་ to, | ང་ཚོ་ we, us, གསུམ་ three, | བལ་ཡུལ་ Nepal, ལ་ in, at, | བདུན་ཕྲག་ week, གསུམ་ three, | བསྡད་པ་ཡིན stayed, །
ང་ཚོ་ we, us, - བལ་ཡུལ་ Nepal, ལ་ in, at, - བསྡད་པའི་སྐབས་ལ་ while staying, during [our] stay, | བླ་མའི་ Lama's, ཐུགས་རྗེས་ pure compassion, | ང་ཚོ་ we, us, ལ་ to, | ཉིན་མ་རྟག་པར་ every day, | བླ་མའི་སྐུའི་མདུན་ལ་ in Lama's presence, - བཅར་ཡག་གི་གོ་སྐབས་ opportunity to come in close contact with, | རག་སོང་ had, །
བླ་མའི་བཞུགས་ས་ Lama’s place of residence (honorific), | སྟབས་བདེ་པོ་ simple, གཅིག་ one, | འདུག there is/are,
གཟིམ་ཁང་ཆུང་ཆུང་ bedroom (honorific), གཅིག་ one, | འདུག there is/are,
གསོལ་ཐབ་ཁང་ kitchen, གཅིག་ one, | འདུག there is/are,
དེ་ནས་ from that, then,..., > འཁྱམ་ར་ལ་ in the courtyard, | མེ་ཏོག་སྡུམ་ར་ཆུང་ཆུང་ small flower garden, གཅིག་ one, | འདུག there is/are,
འཁྱམ་ར་དེ་ལ་ in that courtyard, | ཉི་མ་ཡག་པོ་ beautiful sun, | ཤར་གྱི་འདུག shines,
བླ་མའི་ཞལ་ལ་ in Lama’s face (honorific), | རྟག་པར་ always, | ཞི་བའི་འཛུམ་མདངས་ peaceful smile, གཅིག་ one, | འདུག there is/are,
ང་ཚོ we, us, ས་ by, - བླ་མའི་སྐུ་མདུན་ལ་ audience with Lama, - བཅར་པའི་སྐབས་ opportunity to [have], ཚང་མ་ all, ལ་ to, | ཁོང་གིས་ by him (Lama), | ང་ཚོ་ we, us, ལ་ to, | བཀའ་སློབ་ teaching, མང་པོ་ many, a lot of | གནང་བྱུང་ given, །
བླ་མས་ by Lama, | ང་ཚོ་ we, us, ལ་ to, | གསུངས་པ said (honorific), འི་ that is (relative clause), བཀའ་སློབ་ teaching, གཅིག་ one, | ག་རེ་རེད་ what is? | ཞུས་ན when ask (honorific), །
ཁོང་གིས་། by him (Lama), |
ཡ་རབས་ well-mannered, མ་རབས་ ill-mannered, - སྤྱོད་པ conduct, ས་ by, through - ཤེས to know, །།
ཡ་རབས་ well-mannered, - ཕྱག་ courteous, reverence (honorific), དང་ and, གུས་ཞབས་ respect - ཆེ great, big, །།
མ་རབས་ ill-mannered, - གཉིད་ sleeping, དང་ and, གྲོད་པ་ belly, - ཆེ great, big, །།
| གསུངས་བྱུང་ said (honorific), །
བླ་མའི་བཀའ་སློབ་ Lama’s teaching, - ཞུས་པའི་རྗེས་ལ་ after asking (honorific) | ང་ཚོ་ we, us, ལ་ to, | སྤང་བླང་ what is abandoned and taken, གི་ that is, སྤྱོད་པ conduct, འི་ཐད་ལ་ toward the aspect of, གོ་བ་ understanding, | གསལ་རུ་ཕྱིན་སོང་ got more clear, །
ད་ལན་ this time, ཡང་ as well, > ཁོང་ from him (Lama), ནས་ from, - བཀའ་ཆོས་ teaching, མང་པོ་ more, - ཐོབ་པ to attain, obtain, receive, འི་ of, སྨོན་ལམ་ praying, | ཡོད there is/are, །
བསྐལ་པ་བཟང་བ་ auspicious circumstances, ཤོག may, བསྐལ་པ་བཟང་བ་ auspicious circumstances, ཤོག may,
བཀྲ་ཤིས་བདེ་ལེགས།
Greetings!
ང་ཉི་མ་ལགས་ཀྱི་ཆོས་གྲོགས་ཡིན།
I am Nyima’s Dharma friend.
ངའི་མིང་ལ་ཟླ་བ་ཟེར་གྱི་ཡོད།
My name is Dawa.
ང་བླ་མ་དང་མཇལ་ཡག་འདི་ཐེངས་མ་གཉིས་པ་རེད། བལ་ཡུལ་ལ་ཐེངས་མ་འདི་དང་སྔོན་མ་གཉིས་ཀ་ཨ་མ་ཀུན་སྐྱིད་ལགས་ཀྱིས་ཁྲིད་ གནང་པ་རེད།
This is the second time I've met Lama. Both this time and last time Ama Kunskyilag has led us to Nepal.
ངའི་དྲན་ཡག་ལ་བླ་མའི་ཞལ་རས་ཐེངས་མ་དང་པོ་མཇལ་དུས་ང་མང་པོ་ངུས་ཤོར་སོང་། དེ་དུས་ང་ལ་བཤད་མ་ཤེས་པའི་ ཚོར་བ་གཅིག་ སྐྱེས་བྱུང་། ཚོར་བ་དེ་འདྲ་ང་ལ་སྔོན་མ་ཙ་ནས་ཚོར་མྱོང་མེད།
I remember when I saw Lama’s face for the first time, I cried so much. At that moment, an indescribable feeling arose in me. I have never experienced such a feeling before.
ཚོར་བ་དེ་ ག་དུས་དྲན་ན་ཡང་ ངའི་སེམས་ལ་ དགའ་བ་ཆེན་པོ་གཅིག་ སྐྱེ་གི་འདུག
Whenever I remember that feeling, a great joy arises in my mind.
ཐེངས་མ་དང་པོ་དེ་ལ་ ང་ཚོ་གསུམ་ བལ་ཡུལ་ལ་ བདུན་ཕྲག་གསུམ་བསྡད་པ་ཡིན།
That first time, the three of us stayed in Nepal for 3 weeks.
ང་ཚོ་བལ་ཡུལ་ལ་བསྡད་པའི་སྐབས་ལ་ བླ་མའི་ཐུགས་རྗེས་ ང་ཚོ་ལ་ ཉིན་མ་རྟག་པར་ བླ་མའི་སྐུའི་མདུན་ལ་ བཅར་ཡག་གི་གོ་སྐབས་རག་སོང་།
During our stay in Nepal, due to Lama’s pure compassion, we had the opportunity to be in Lama's presence every day.
བླ་མའི་བཞུགས་ས་ སྟབས་བདེ་པོ་གཅིག་འདུག
Lama’s place is a simple one.
གཟིམ་ཁང་ཆུང་ཆུང་གཅིག་འདུག གསོལ་ཐབ་ཁང་གཅིག་འདུག དེ་ནས་ འཁྱམ་ར་ལ་ མེ་ཏོག་སྡུམ་ར་ཆུང་ཆུང་གཅིག་འདུག འཁྱམ་ར་དེ་ལ་ཉི་མ་ཡག་པོ་ཤར་གྱི་འདུག
There is a small bedroom. There is a kitchen. Also, in the courtyard, there is a small flower garden. There the sun shines greatly.
བླ་མའི་ཞལ་ལ་རྟག་པར་ཞི་བའི་འཛུམ་མདངས་གཅིག་ འདུག
There is always a peaceful smile on Lama’s face.
ང་ཚོས་ བླ་མའི་སྐུ་མདུན་ལ་བཅར་པའི་སྐབས་ཚང་མ་ལ་ཁོང་གིས་ང་ཚོ་ལ་བཀའ་སློབ་མང་པོ་གནང་བྱུང་།
Every time we had an audience with Lama, he gave us many teachings.
བླ་མས་ ང་ཚོ་ལ་གསུངས་པའི་བཀའ་སློབ་གཅིག་ ག་རེ་རེད་ཞུས་ན།
ཁོང་གིས་།
ཡ་རབས་མ་རབས་སྤྱོད་པས་ཤེས།།
ཡ་རབས་ཕྱག་དང་གུས་ཞབས་ཆེ།།
མ་རབས་ གཉིད་དང་གྲོད་པ་ཆེ།།
གསུངས་བྱུང་།
To speak of one teaching that Lama gave us:
He said:
"Whether a person is well-mannered or ill-mannered is known by their conduct.
A well-mannered person is respectful and courteous.
An ill-mannered person cares only about sleeping and eating".
བླ་མའི་བཀའ་སློབ་ཞུས་པའི་རྗེས་ལ་ང་ཚོ་ལ་སྤང་བླང་གི་སྤྱོད་པའི་ཐད་ལ་གོ་བ་གསལ་རུ་ཕྱིན་སོང་།
After having received Lama’s teachings, our understanding of what conduct to be abandoned and what to be taken became clearer.
ད་ལན་ཡང་ཁོང་ནས་བཀའ་ཆོས་མང་པོ་ཐོབ་པའི་སྨོན་ལམ་ཡོད།
This time as well, we pray to receive more teachings from him..
བསྐལ་པ་བཟང་བ་ཤོག བསྐལ་པ་བཟང་བ་ཤོག
May auspicious circumstances arise! May auspicious circumstances arise!
1. Honorifics are not to be used on oneself
On oneself
In the case of the collective pronoun including oneself and the respected subject (ང་ཚོ་), if the main verb is more focused on the respected subject, honorifics are to be used, if otherwise, honorifics are not required
Ex: ཐེངས་མ་དང་པོ་དེ་ལ་ང་ཚོ་གསུམ་བལ་ཡུལ་ལ་བདུན་ཕྲག་གསུམ་བསྡད་པ་ཡིན།
On respected subject
ཉི་མ་ལགས་
ཞུགས་
ང་
2. Honorifics are not to be used on general things and animals
General
ཁང་མིག་
Related to the respected subject
(Honorifics here do not actually refer to an object or an animal, but rather to its owner/doer, who is the subject of respect)
གཟིམ་ཁང་ (in this case, since the room belongs to a Lama, it is not an ordinary, but an honorable object)
Broken
ངའི་དྲན་ཡག་ལ་བླ་མའི་གདོང་རས་ཐེངས་མ་དང་པོ་མཇལ་དུས་ང་མང་པོ་ངུས་ཤོར་སོང་།
OR
ང་ཚོས་བླ་མའི་སྐུ་མདུན་ལ་བཅར་པའི་སྐབས་ཚང་མ་ལ་ཁོང་གིས་ང་ཚོ་ལ་བསླབ་བྱ་མང་པོ་སྤྲད་བྱུང་།
Complete
ངའི་དྲན་ཡག་ལ་བླ་མའི་ཞལ་རས་ཐེངས་མ་དང་པོ་མཇལ་དུས་ང་མང་པོ་ངུས་ཤོར་སོང་།
ང་ཚོས་བླ་མའི་སྐུ་མདུན་ལ་བཅར་པའི་སྐབས་ཚང་མ་ལ་ཁོང་གིས་ང་ཚོ་ལ་བཀའ་སློབ་མང་པོ་གནང་བྱུང་།

Structures:
བྱ་ཚིག་ད་ལྟ་བ་ + མྱོང་ + ཡོད་ / མེད / ཡོད་པས / མེད་པས།
Verb (Past) + མྱོང་ + ཡོད་ / མེད / ཡོད་པས / མེད་པས།
(Meaning: have experience in, have _ever)
དཔེ། | Example:
1. ཚོར་བ་དེ་འདྲ་ང་ལ་སྔོན་མ་ཙ་ནས་ཚོར་མྱོང་མེད།
ཚོར་བ་ feeling, དེ་ that, འདྲ་ like, | ང་ I, me, ལ་ to, | སྔོན་མ་ before, | ཙ་ནས་ at all, - ཚོར་མྱོང་ have experienced such a feeling, མེད there is no, །
I have never experienced such a feeling before.
2. ང་བལ་ཡུལ་ལ་འགྲོ་མྱོང་ཡོད།
ང་ I, me, | བལ་ཡུལ་ལ་ to Nepal, | འགྲོ་ go, མྱོང་ have experience in , ཡོད there is/are, །
I have been to Nepal.
3. ཁྱེད་རང་བོད་ཇ་འཐུང་མྱོང་ཡོད་པས།
ཁྱེད་རང་ you, | བོད་ཇ་ Tibetan tea, | འཐུང་ drink, མྱོང་ have the experience in, ཡོད་པས། have [you] ever ? །
Have you ever drank Tibetan tea?
བྱ་ཚིག་དུས་ངེས་མེད་ + པའི་/བའི་ + སྐབས་ལ་
Verb (uncertain tenses) + པའི་/བའི་ + སྐབས་ལ་
(Meaning: during the time of doing something…)
དཔེ། | Example:
1. ང་ཚོས་བླ་མའི་སྐུ་མདུན་ལ་བཅར་པའི་སྐབས་ཚང་མ་ལ་ཁོང་གིས་ང་ཚོ་ལ་བཀའ་སློབ་མང་པོ་གནང་བྱུང་།
ང་ཚོས་ by us, - བླ་མའི་སྐུ་མདུན་ལ་ audience with Lama, - བཅར་པའི་སྐབས་ཚང་མ་ every time, ལ་ to, | ཁོང་གིས་ by him, | ང་ཚོ་ལ་ to us, | བཀའ་སློབ་མང་པོ་ many teachings, | གནང་བྱུང་ gave, །།
Everytime we had an audience with Lama, he gave us many teachings.
2. སློབ་སྦྱོང་བྱེད་པའི་སྐབས་ལ་རྣམ་གཡེང་བྱེད་རྒྱུ་ཡོད་མ་རེད།
སློབ་སྦྱོང་བྱེད་པའི་སྐབས་ལ་ while studying, | རྣམ་གཡེང་ be distracted, | བྱེད་རྒྱུ་ཡོད་མ་རེད should not, །
You should not be distracted while studying.
3. ཉམས་ལེན་བྱེད་པའི་སྐབས་ལ་དམིགས་ཡུལ་དང་ཀུན་སློང་གསལ་པོ་དགོས་རེད།
ཉམས་ལེན་བྱེད་པའི་སྐབས་ལ་ at the time of practising, | དམིགས་ཡུལ་ aim, དང་ and, ཀུན་སློང་ motivation, གསལ་པོ་ clear, | དགོས་རེད need, །
At the time of practising, aim and motivation need to be clear.
བྱ་ཚིག་ད་ལྟ་བ་དང་མ་འོང་པ་ + ཡག་ + གི་ + གོ་སྐབས་
Verb (present & future) + ཡག་ + གི་ + གོ་སྐབས་
(Meaning: the opportunity to do something...)
དཔེ། | Example:
1. ང་ཚོ་བལ་ཡུལ་ལ་བསྡད་པའི་སྐབས་ལ་བླ་མའི་ཐུགས་རྗེས་ང་ཚོ་ལ་ཉིན་མ་རྟག་པར་བླ་མའི་སྐུའི་མདུན་ལ་བཅར་ཡག་གི་གོ་སྐབས་རག་སོང་།
ང་ཚོ་ us, - བལ་ཡུལ་ལ་ in Nepal, - བསྡད་པའི་སྐབས་ལ་ while staying, during [our] stay, | བླ་མའི་ཐུགས་རྗེས་ Lama’s pure compassion, | ང་ཚོ་ལ་ to us, | ཉིན་མ་རྟག་པར་ every day, | བླ་མའི་སྐུའི་མདུན་ལ་ in Lama's presence, - བཅར་ཡག་གི་གོ་སྐབས་ opportunity, | རག་སོང་ had, །
During our stay in Nepal, due to Lama’s pure compassion, we had the opportunity to be in Lama's presence every day.
2. མི་ལུས་རིན་པོ་ཆེ་གཅིག་པུ་ལ་སངས་རྒྱས་ཐོབ་ཡག་གི་གོ་སྐབས་ཡོད་རེད།
མི་ལུས་རིན་པོ་ཆེ་ precious human body, གཅིག་པུ་ལ་ with only, | སངས་རྒྱས་ Buddhahood, - ཐོབ་ to attain, ཡག་གི་གོ་སྐབས་ opportunity, | ཡོད་རེད to have, །
With only a precious human body, one has the opportunity to attain Buddhahood
3. ཉོན་མོངས་ཡོད་མཁན་ལ་བསོད་ནམས་བསགས་ཡག་གི་གོ་སྐབས་ཡོད་མ་རེད།
ཉོན་མོངས་ confused, - ཡོད་མཁན་ལ་ to the one that has, | བསོད་ནམས་ merit, - བསགས་ to accumulate, ཡག་གི་གོ་སྐབས་ opportunity, | ཡོད་མ་རེད does not have, །
The confused one does not have the opportunity to accumulate merit.
བྱ་ཚིག་འདས་པ་ + བྱུང་།
Verb (Past) + བྱུང་།
(Meaning: something that has happened to oneself)
Note: བྱུང can only be used when oneself is in the object’s place. If oneself is in the role of a doer/agent, བྱུང་ cannot be used.
དཔེ། | Example:
1. ང་ཚོས་བླ་མའི་སྐུ་མདུན་ལ་བཅར་པའི་སྐབས་ཚང་མ་ལ་ཁོང་གིས་ང་ཚོ་ལ་བཀའ་སློབ་མང་པོ་གནང་བྱུང་།
ང་ཚོས་ by us, - བླ་མའི་སྐུ་མདུན་ལ་ audience with Lama, - བཅར་པའི་སྐབས་ཚང་མ་ every time, ལ་ to, | ཁོང་གིས་ by him, | ང་ཚོ་ལ་ to us, | བཀའ་སློབ་མང་པོ་ many teachings, | གནང་བྱུང་ gave, །
Everytime we had an audience with Lama, he gave us many teachings..
2. ཁོང་གིས་ཁྱེད་རང་ལ་རྔན་པ་སྤྲད་བྱུང་ངས་།
ཁོང་གིས་ by he/she, | ཁྱེད་རང་ལ་ to you, | རྔན་པ་ reward, | སྤྲད་བྱུང་ངས་ has [he/she] given? །
Has he/she given you a reward?
3. ཁོང་གིས་ང་ལ་ཁ་པར་བཏང་མ་བྱུང་།
ཁོང་གིས་ by him/her, | ང་ལ་ to me, | ཁ་པར་ telephone, - བཏང་ call, མ་བྱུང་ did not, །
He/she did not call me.
4. ཁྱེད་རང་ལ་ཡང་ཁོང་གི་ཁ་པར་སླེབས་མ་བྱུང་ངས།
ཁྱེད་རང་ལ་ཡང་ you also, | ཁོང་གི་ཁ་པར་ his/her phone, | སླེབས་མ་བྱུང་ did not receive, ངས did you?།
You did not receive a phone call from him/her either, did you?
མིང་ཚིག་ [+ འབྲེལ་སྒྲ་ ] + ཐད་ལ་
Noun [+ Genetive Particle ] + ཐད་ལ་
(Meaning: about a specific aspect of a matter)
Note: The equivalent to ཐད་ལ་ in English is ‘concerning/regarding to’ which is used to emphasize on a specific aspect of a matter. Another frequently-met word which can be easily mistakenly used as though the same with ཐད་ལ་ is སྐོར་ལ་. However, སྐོར་ལ་ is used to speak about a matter in a general manner.
དཔེ། | Example:
1. བླ་མའི་བཀའ་སློབ་ཞུས་པའི་རྗེས་ལ་ང་ཚོ་ལ་སྤང་བླང་གི་སྤྱོད་པའི་ཐད་ལ་གོ་བ་གསལ་རུ་ཕྱིན་སོང་།
བླ་མའི་བཀའ་སློབ་ Lama’s teachings, - ཞུས་པའི་རྗེས་ལ་ after having received, | ང་ཚོ་ལ་ to us, | སྤང་བླང་ what to be abandoned and what to be taken, གི་སྤྱོད་པ conduct of, འི་ཐད་ལ་གོ་བ་ our understanding of, | གསལ་རུ་ཕྱིན་སོང་ became clearer, །
After having received Lama’s teachings, our understanding of what conduct to be abandoned and what to be taken became clearer.
2. དེང་རིང་ང་ཚོས་དགེ་མི་དགེའི་ལས་ཀྱི་ཐད་ལ་གྲོས་སྡུར་བྱས་པ་ཡིན།
དེང་རིང་ today, > ང་ཚོས་ by us, | དགེ་ virtuous, མི་དགེ non-virtuous, འི་ of, ལས་ actions, ཀྱི་ཐད་ལ་ aspect of, | གྲོས་སྡུར་བྱས་པ་ཡིན discussed, །
Today, we discussed the aspect of virtuous and non-virtuous actions.
3. ཁོང་ལ་སྤྱིན་པའི་ཉམས་ལེན་ཡག་པོ་ཡོད་རེད། ཡིན་ནའི་ཚུལ་ཁྲིམས་ཀྱི་ཉམས་ལེན་[གྱི་]ཐད་ལ་དཀའ་ངལ་འདུག
ཁོང་ལ་ to him/her, | སྤྱིན་པའི་ཉམས་ལེན་ practice of generosity, ཡག་པོ་ good, | ཡོད་རེད to be there, to have/has/had, ། > ཡིན་ནའི་ however, but, > ཚུལ་ཁྲིམས་ཀྱི་ཉམས་ལེན་ practice of discipline, [གྱི་]ཐད་ལ་ with regard to the, | དཀའ་ངལ་ difficulties, | འདུག has.
He/she has good practice of generosity. However, with regard to the practice of discipline, there are difficulties.
དེ་ནས་
Time Conjunctions: after that / and then...
དཔེ། | Example:
གཟིམ་ཁང་ཆུང་ཆུང་གཅིག་འདུག གསོལ་ཐབ་ཁང་གཅིག་འདུག དེ་ནས་འཁྱམ་ར་ལ་མེ་ཏོག་སྡུམ་ར་ཆུང་ཆུང་གཅིག་འདུག འཁྱམ་ར་དེ་ལ་ཉི་མ་ཡག་པོ་ཤར་གྱི་འདུག
གཟིམ་ཁང་ bedroom (honorific), ཆུང་ཆུང་ small, གཅིག་ one, | འདུག there is/are.
གསོལ་ཐབ་ཁང་ kitchen, གཅིག་ one, | འདུག there is/are.
དེ་ནས་ from that, then, > འཁྱམ་ར་ལ་ in the courtyard, | མེ་ཏོག་སྡུམ་ར་ flower garden, ཆུང་ཆུང་ small, གཅིག་ one, | འདུག there is/are
There is a small bedroom. There is a kitchen. Also, in the courtyard, there is a small flower garden.
ད་ལན་[ཡང་]
Time Adverb: this time [too]
དཔེ། | Example:
ད་ལན་ཡང་ཁོང་ནས་བཀའ་ཆོས་མང་པོ་ཐོབ་པའི་སྨོན་ལམ་ཡོད།
ད་ལན་ this time, ཡང་ as well, > ཁོང་ནས་ from him, - བཀའ་ཆོས་མང་པོ་ more teaching, - ཐོབ་པ to attain, obtain, receive, འི་ of, སྨོན་ལམ་ praying, | ཡོད there is/are, །
This time as well, we pray to receive more teachings from him.
བསྐལ་པ་བཟང་བ་ཤོག བསྐལ་པ་བཟང་བ་ཤོག
May auspicious circumstances arise! May auspicious circumstances arise!
Mini Practicing Quiz:


.webp)
