top of page
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།
བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ།།
བཀའ་དྲིན་ཆེན་པོས་སྒོ་ནས་རྗེས་བཟུང་སྟེ།།
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ།།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
སྐྱེས་པ་ཉམས་པ་མེད་པར་ཡང་།།
གོང་ནས་གོང་དུ་འཕེལ་བར་ཤོག།
བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།
གོལ་འཆུགས་འཆལ་སོགས་མེད་པར་བྱིན་གྱིས་བརླབ་ཏུ་གསོལ།
གེགས་དང་གོལ་ས་མེད་པར་བྱིན་གྱིས་བརླབ་ཏུ་གསོལ།
རྐྱེན་ངན་ཐམས་ཅད་གྲོགས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།
མཐུན་རྐྱེན་མཐའ་དག་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།
བདེ་ནས་བདེ་བར་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།
སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ།
Để tập đọc Bài Luận này, Người Nhà hãy vào đây!
bottom of page


.webp)
