ཉིན་བཅུ་པ། Ngày Thứ Mười
ག་རེ་བྱས་ནས།
Vì Sao?
ཚིག་དོན། Nghĩa từ:
ང་ Tôi, མེ་ཏོག་ hoa, ལ་ hướng tới, tại, /དགའ་པོ་ thích, ཞེ་དྲགས་ rất, /ཡོད có, །
གང་ཡིན་ཟེར་ན་ bởi vì, མེ་ཏོག་ hoa, /སྙིང་རྗེ་པོ་ xinh đẹp, /འདུག thì,
ང་ Tôi, /མེ་ཏོག་ hoa, མཐོང་ thấy, དུས་ [thời gian] khi, སྐྱིད་པོ་ vui, /ཞེ་དྲགས་ rất, /འདུག có,
བྱས་ཙང་ vì thế, vì vậy, đó là lý do tại sao, ང་ Tôi, མེ་ཏོག་ hoa, ལ་ hướng tới, tại, /དགའ་པོ་ thích, ཞེ་དྲགས་ rất, /ཡོད có, །
ངའི་ của tôi, ནང་ལ་ tại, trong, /མེ་ཏོག་ལྡུམ་ར་ vườn hoa, ཞིག་ một, /ཡོད có, །
མེ་ཏོག་ལྡུམ་ར་ vườn hoa, དེ đó/cái đó, འི་ནང་ལ་ trong, /མེ་ཏོག་ hoa, འདྲ་མིན་སྣ་ཚོགས་ khác nhau, /ཡོད có, །
འཛམ་གླིང་ hành tinh, (giống như འཛམ་བུའི་གླིང་), འདིའི་ནང་ལ་ trong này, /མིག་ mắt, ལ་ đến, གཟུགས་ hình tướng, མཛེས་པོ་ đẹp, xinh དང་ và, ། ཨམ་ཅོག་ tai, ལ་ đến, སྒྲ་ âm thanh, སྙན་པོ་ dễ chịu [để nghe], དང་ và, ། སྣ་ mũi, ལ་ đến, དྲི་མ་ mùi, ཞིམ་པོ་ ngọt ngào (để ngửi), དང་ và, །
ལྕེ་ lưỡi, ལ་ tới, བྲོ་བ་ vị [ở lưỡi], ཞིམ་པོ་ ngon, དང་ và, །
ལུས་ cơ thể, ལ་ tới, རེག་བྱ་ chạm, འཇམ་པོ་ mềm mại, ལ་སོགས་པ་ v.v., và vân vân, མང་པོ་ nhiều, /འདུག có
དེ་ཚོ་ những thứ kia, མྱོང་ trải nghiệm, དུས་ [thời gian] khi, /སྐྱིད་པོ་ vui, /འདུག thì, (Tôi trải nghiệm),
ཡིན་ནའི་ nhưng, དེ་ཚོའི་ của họ, ལྡོག་ཕྱོགས་ trái ngược, དེ་ཚོ་ họ, མྱོང་དུས་ khi trải nghiệm, /སྐྱིད་པོ་ vui vẻ, thú vị, རང་ rất nhiều, /མི་ không, འདུག có,
དེ་འདྲས་ giống như vậy, /ག་རེ་བྱས་ནས་ tại sao, /རེད có, །
མེ་ཏོག་ hoa, ཁ་ཤས་ một vài, ཀྱི་ của, ལོ་མ་ lá, དང་ và, ཡལ་ག་ cành, ལ་ trên, /ཚེར་མ་ gai, /ཡོད་རེད có, །
ཡིན་ནའི་ nhưng, མེ་ཏོག་ hoa, མང་ཆེ་བ་ hầu hết, ལ་ trên, /ཚེར་མ་ gai, /ཡོད་མ་རེད không có, །
ང་ tôi, /མེ་ཏོག་བཏབ་ཡག་ trồng hoa, ལ་ trong, về hướng, ཡང་ cũng, /དགའ་པོ་ཡོད thích, །གང་ཡིན་ཟེར་ན་ bởi vì, >ང་ tôi, /མེ་ཏོག་བཏབ་དུས་ khi trồng hoa, /སྐྱིད་པོ་འདུག tận hưởng, ,བྱས་ཙང་ cho nên, >ང་ tôi, /མེ་ཏོག་བཏབ་ཡག་ལ་ཡང་ việc trồng hoa nữa, /དགའ་པོ་ཡོད thích,
ང་ཚོའི་ của chúng tôi, འཛམ་བུའི་གླིང་ hành tinh, འདི་ này, ཡང་ nữa, /མེ་ཏོག་ལྡུམ་ར་ vườn hoa, འདྲ་པོ་ như, tương tự /འདུག là
ང་ལ་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་ཡོད།
ང་མེ་ཏོག་ལ་དགའ་པོ་ཞེ་དྲགས་ཡོད།
ད་དུང་ང་མེ་ཏོག་མཐོང་དུས་སྐྱིད་པོ་ཞེ་དྲགས་འདུག
མེ་ཏོག་ལྡུམ་ར་དེའི་ནང་ལ་མེ་ཏོག་འདྲ་མིན་སྣ་ཚོགས་ཡོད།
འཛམ་གླིང་འདིའི་ནང་ལ་མིག་ལ་གཟུགས་མཛེས་པོ་དང་། ཨམ་ཅོག་ལ་སྒྲ་སྙན་པོ་དང་། སྣ་ལ་དྲི་མ་ཞིམ་པོ་དང་། ལྕེ་ལ་བྲོ་བ་ཞིམ་པོ་དང་། ལུས་ལ་རེག་བྱ་འཇམ་པོ་ལ་སོགས་པ་མང་པོ་འདུག
ཡིན་ནའི་དེ་ཚོའི་ལྡོག་ཕྱོགས་དེ་ཚོ་མྱོང་དུས་སྐྱིད་པོ་རང་མི་འདུག

མེ་ཏོག་ཁ་ཤས་ཀྱི་ལོ་མ་དང་ཡལ་ག་ལ་ཚེར་མ་ཡོད་རེད།
ཡིན་ནའི་མེ་ཏོག་མང་ཆེ་བ་ལ་ཚེར་མ་ཡོད་མ་རེད།
ང་མེ་ཏོག་བཏབ་ཡག་ལ་ཡང་དགའ་པོ་ཡོད།
དེ་འདྲས་ག་རེ་བྱས་ནས་རེད།
གང་ཡིན་ཟེར་ན་མེ་ཏོག་སྙིང་རྗེ་པོ་འདུག
དེ་ཚོ་མྱོང་དུས་སྐྱིད་པོ་འདུག
གང་ཡིན་ཟེར་ན་ང་མེ་ཏོག་བཏབ་དུས་སྐྱིད་པོ་འདུག
བྱས་ཙང་ང་མེ་ཏོག་བཏབ་ཡག་ལ་ཡང་དགའ་པོ་ཡོད།
ང་ཚོའི་འཛམ་བུའི་གླིང་འདི་ཡང་མེ་ཏོག་ལྡུམ་ར་འདྲ་པོ་འདུག
བྱས་ཙང་ང་མེ་ཏོག་ལ་དགའ་པོ་ཞེ་དྲགས་ཡོད།

![[མེ་ཏོག་]ལྡུམ་ར་ _ vườn hoa _ garden.webp](https://static.wixstatic.com/media/99f364_cce9649543d14e3da3aba31609b22b48~mv2.webp/v1/fill/w_219,h_196,al_c,q_80,usm_0.66_1.00_0.01,enc_avif,quality_auto/%5B%E0%BD%98%E0%BD%BA%E0%BC%8B%E0%BD%8F%E0%BD%BC%E0%BD%82%E0%BC%8B%5D%E0%BD%A3%E0%BE%A1%E0%BD%B4%E0%BD%98%E0%BC%8B%E0%BD%A2%E0%BC%8B%20_%20v%C6%B0%E1%BB%9Dn%20hoa%20_%20garden.webp)
-
གླེང་མོལ། Hội Thoại:
A: ཁོང་ anh/cô ấy, /མེ་ཏོག་ hoa, ལ་ tới, ག་རེ་བྱས་ནས་ tại sao, དགའ་པོ་ sự ưa thích, /ཡོད་རེད có, །
B: གང་ཡིན་ཟེར་ན་ bởi vì, མེ་ཏོག་ hoa, /སྙིང་རྗེ་པོ་ xinh đẹp, /ཡོད་རེད thì,།
ད་དུང་ hơn thế nữa, ཁོང་ anh/cô ấy, /མེ་ཏོག་ hoa, མཐོང་ nhìn thấy, དུས་ [thời gian] khi, སྐྱིད་པོ་ niềm vui, hạnh phúc, /ཡོད་རེད có, །
A: ཁོང་ anh/cô ấy, ལ་ với, /མེ་ཏོག་ལྡུམ་ར་ vườn, ཆེ་ལོས་ lớn thế nào, /ཡོད་རེད có, །
B: ཁོང་ anh/cô ấy, ལ་ với, /མེ་ཏོག་ལྡུམ་ར་ vườn, ཆུང་ཆུང་ nhỏ, ཞིག་ một, /ཡོད་རེད có, །
A: ཁོང་གི་ của anh/cô ấy, མེ་ཏོག་ལྡུམ་རའི་ནང་ལ་ trong vườn, /མེ་ཏོག་ཚང་མ་ tất cả các bông hoa, གཅིག་པ་ giống nhau, /རེད་ thì, པས phải không ?, །
B: མ་རེད། không, ཁོང་གི་མེ་ཏོག་ལྡུམ་རའི་ནང་ལ་ trong vườn của anh/cô ấy, /མེ་ཏོག་ hoa, ཚང་མ་ tất cả, གཅིག་པ་ giống nhau, /མ་རེད thì không, །
ཁོང་གི་མེ་ཏོག་ལྡུམ་རའི་ནང་ལ་ trong vườn của anh/cô ấy, /མེ་ཏོག་ hoa, འདྲ་མིན་སྣ་ཚོགས་ nhiều loại khác nhau, /ཡོད་རེད có, །
A: མེ་ཏོག་ hoa, ཁ་ཤས་ vài, ཀྱི་ của, ལོ་མ་ lá, དང་ và, ཡལ་ག་ cành, ལ་ trên, /ག་རེ་ gì, /ཡོད་རེད có, །
B: མེ་ཏོག་ཁ་ཤས་ཀྱི་ལོ་མ་དང་ཡལ་ག་ལ་ trên lá và cành của một số bông hoa, /ཚེར་མ་ gai, /ཡོད་རེད có, །
ཡིན་ནའི་ nhưng, མེ་ཏོག་ hoa, མང་ཆེ་བ་ hầu hết, chủ yếu, ལ་ với, trên, /ཚེར་མ་ gai, /ཡོད་མ་རེད không có, །
A: ཁོང་ anh/cô ấy, /ག་རེ་ gì, བྱེད་ཡག་ đang làm, ལ་ trên/tại, དགའ་པོ་ sự ưa thích, /ཡོད་རེད có, །
B: ཁོང་ anh/cô ấy, /མེ་ཏོག་ hoa, བཏབ་ཡག་ trồng trọt, phát triển, ལ་ trên/tại, ཡང་ cũng, དགའ་པོ་ sự yêu thích, /ཡོད་རེད có, །
A: ཁོང་ anh/cô ấy, /མེ་ཏོག་བཏབ་ཡག་ལ་ vào/tại lúc trồng hoa, ག་རེ་བྱས་ནས་ tại sao, དགའ་པོ་ sự ưa thích, /ཡོད་རེད có, །
B: ཁོང་ anh/cô ấy, /མེ་ཏོག་བཏབ་ཡག་ལ་ vào/tại lúc trồng hoa, དགའ་པོ་ sự ưa thích, ཡོད་རེད có, ། གང་ཡིན་ཟེར་ན། bởi vì, ཁོང་ anh/cô ấy, མེ་ཏོག་བཏབ་དུས་ khi trồng hoa, སྐྱིད་པོ་ niềm vui, /ཡོད་རེད có, །
A: ང་ཚོའི་འཛམ་གླིང་ trái đất của chúng ta, འདི་ này, /ག་རེ་ gì, འདྲ་པོ་ giống như, tương tự như, /ཡོད་རེད thì,།
B: ང་ཚོའི་འཛམ་གླིང་ trái đất của chúng ta, འདི་ này, /མ་ཏོག་ལྡུམ་ར་འདྲ་པོ་ giống như một khu vườn, /ཡོད་རེད thì, །
གང་ཡིན་ཟེར་ན་མེ་ཏོག་སྙིང་རྗེ་པོ་ཡོད་རེད།
ད་དུང་ཁོང་མེ་ཏོག་མཐོང་དུས་སྐྱིད་པོ་ཡོད་རེད།
ཁོང་མེ་ཏོག་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།


ཁོང་ལ་མེ་ཏོག་ལྡུམ་ར་ཆེ་ལོས་ཡོད་རེད།
ཁོང་ལ་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་ཡོད་རེད།
མ་རེད། ཁོང་གི་མེ་ཏོག་ལྡུམ་རའི་ནང་ལ་མེ་ཏོག་ཚང་མ་གཅིག་པ་མ་རེད།
ཁོང་གི་མེ་ཏོག་ལྡུམ་རའི་ནང་ལ་མེ་ཏོག་འདྲ་མིན་སྣ་ཚོགས་ཡོད་རེད།

ཁོང་གི་མེ་ཏོག་ལྡུམ་རའི་ནང་ལ་མེ་ཏོག་ཚང་མ་གཅིག་པ་རེད་པས།
མེ་ཏོག་ཁ་ཤས་ཀྱི་ལོ་མ་དང་ཡལ་ག་ལ་ག་རེ་ཡོད་རེད།
མེ་ཏོག་ཁ་ཤས་ཀྱི་ལོ་མ་དང་ཡལ་ག་ལ་ཚེར་མ་ཡོད་རེད།
ཡིན་ནའི་མེ་ཏོག་མང་ཆེ་བ་ལ་ཚེར་མ་ཡོད་མ་རེད།
ཁོང་ག་རེ་བྱེད་ཡག་ལ་དགའ་པོ་ཡོད་རེད།
ཁོང་མེ་ཏོག་བཏབ་ཡག་ལ་དགའ་པོ་ཡོད་རེད།
ཁོང་མེ་ཏོག་བཏབ་ཡག་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
ཁོང་མེ་ཏོག་བཏབ་ཡག་ལ་དགའ་པོ་ཡོད་རེད། གང་ཡིན་ཟེར་ན།
ཁོང་མེ་ཏོག་བཏབ་དུས་སྐྱིད་པོ་ཡོད་རེད།
ང་ཚོའི་འཛམ་གླིང་འདི་མ་ཏོག་ལྡུམ་ར་འདྲ་པོ་ཡོད་རེད།
ང་ཚོའི་འཛམ་གླིང་འདི་ག་རེ་འདྲ་པོ་ཡོད་རེད།
![[མེ་ཏོག་]ལྡུམ་ར་ _ vườn hoa _ garden.webp](https://static.wixstatic.com/media/99f364_cce9649543d14e3da3aba31609b22b48~mv2.webp/v1/fill/w_229,h_203,al_c,q_80,usm_0.66_1.00_0.01,enc_avif,quality_auto/%5B%E0%BD%98%E0%BD%BA%E0%BC%8B%E0%BD%8F%E0%BD%BC%E0%BD%82%E0%BC%8B%5D%E0%BD%A3%E0%BE%A1%E0%BD%B4%E0%BD%98%E0%BC%8B%E0%BD%A2%E0%BC%8B%20_%20v%C6%B0%E1%BB%9Dn%20hoa%20_%20garden.webp)
-
སྦྱོང་བརྡར། Thực hành:
I. Thực Hành Chung:
ག་རེ་བྱས་ནས་ Tại sao?
གང་ཡིན་ཟེར་ན་ bởi vì,
བྱས་ཙང་ vì thế, vì vậy, đó là lý do sao,
Động từ + དུས་ khi làm (hành động), vào lúc làm (hành động/động từ),
Động từ + ཡག་ལ་ tại/ở/đang làm [gì đó]
1.
དྲི་བ། ཁྱེད་རང་མར་མེ་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ལན། ང་མར་མེ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་མར་མེའི་གཟུགས་དེ་སྙིང་རྗེ་པོ་འདུག
སྤྱིར་བཏང་བྱས་ན་མར་མེའི་འོད་ཀྱི་གཟུགས་སྙིང་རྗེ་པོ་ཡོད་རེད།
ཕྱེ་མ་ལེབ་དེ་ཚོ་འོད་དང་གཟུགས་སྙིང་རྗེ་པོ་ལ་དགའ་པོ་ཡོད་རེད། དེ་ཚོའི་མིག་ལ་འོད་དང་གཟུགས་སྙིང་རྗེ་པོ་མཐོང་དུས་སྐྱིད་པོ་ཡོད་རེད། བྱས་ཙང་དེ་ཚོ་མར་མེ་ལ་དགའ་པོ་ཡོད་རེད།
ཕྱེ་མ་ལེབ་དེ་ཚོ་མར་མེའི་ཕྱོགས་ལ་ཕུར་ཡག་ལ་དགའ་པོ་ཡོད་རེད།
2.
དྲི་བ། ཁྱེད་རང་པི་ཝང་གི་སྒྲ་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ལན། ང་པི་ཝང་གི་སྒྲ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་པི་ཝང་གི་སྐད་སྙན་པོ་འདུག
སྤྱིར་བཏང་བྱས་ན་པི་ཝང་གི་སྒྲ་སྙན་པོ་ཡོད་རེད།
རི་དྭགས་ཡང་ན་ཤ་བ་དེ་ཚོའི་ཨམ་ཅོག་ལ་སྒྲ་སྙན་པོ་གོ་དུས་སྐྱིད་པོ་ཡོད་རེད། བྱས་ཙང་དེ་ཚོ་པི་ཝང་གི་སྒྲ་ལ་དགའ་པོ་ཡོད་རེད།
རི་དྭགས་དེ་ཚོ་སྒྲ་སྙན་པོའི་ཕྱོགས་ལ་འགྲོ་ཡག་ལ་དགའ་པོ་ཡོད་རེད།
3.
དྲི་བ། ཁྱེད་རང་མེ་ཏོག་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ལེན། ང་མེ་ཏོག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་མེ་ཏོག་གི་དྲི་མ་ཞིམ་པོ་འདུག
སྤྱིར་བཏང་བྱས་ན་མེ་ཏོག་གི་དྲི་མ་ཞིམ་པོ་ཡོད་རེད།
བུང་བ་དེ་ཚོའི་སྣ་ལ་དྲི་མ་ཞིམ་པོ་ཚོར་དུས་སྐྱིད་པོ་ཡོད་རེད། བྱས་ཙང་དེ་ཚོ་མེ་ཏོག་ལ་དགའ་པོ་ཡོད་རེད།
བུང་བ་དེ་ཚོ་དྲི་མ་ཞིམ་པའི་ཕྱོགས་ལ་འཁོར་ཡག་ལ་དགའ་པོ་ཡོད་རེད།
4.
དྲི་བ། ཁྱེད་རང་ཁ་ལག་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ལན། ང་ཁ་ལག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་ང་ཁ་ལག་གི་བྲོ་བ་ལ་དགའ་པོ་ཡོད།
སྤྱིར་བཏང་བྱས་ན་ཁ་ལག་ལ་བྲོ་བ་འདྲ་མིན་སྣ་ཚོགས་ཡོད་རེད།
ཉ་དེ་ཚོ་ལྕེ་ལ་བྲོ་བ་མྱོང་དུས་སྐྱིད་པོ་ཡོད་རེད། བྱས་ཙང་དེ་ཚོ་ཁ་ལག་ལ་དགའ་པོ་ཡོད་རེད།
ཉ་དེ་ཚོ་ཁ་ལག་གི་ཕྱོགས་ལ་འགྲོ་ཡག་ལ་དགའ་པོ་ཡོད་རེད།
5.
དྲི་བ། ཁྱེད་རང་འདམ་ཆུ་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ལན། ང་འདམ་ཆུ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་ང་འདམ་ཆུའི་གྲང་བསིལ་གྱི་ཚོར་བ་ལ་དགའ་པོ་ཡོད།
སྤྱིར་བཏང་བྱས་ན་འདམ་ཆུ་དེ་ཚོ་ལ་རེག་བྱ་ལ་གྲང་བསིལ་གྱི་ཚོར་བ་ཡོད་རེད།
གླང་ཆེན་དེ་ཚོ་དབྱར་ཁ་གནམ་གཤིས་ཚ་བ་ཆེན་པོ་ཡོད་དུས་ལུས་ལ་གྲང་བསིལ་གྱི་རེག་བྱ་འདོད་པ་ཡོད་རེད། བྱས་ཙང་གླང་ཆེན་འདམ་ཆུ་ལ་དགའ་པོ་ཡོད་རེད།
གླང་ཆེན་དེ་ཚོ་དབྱར་ཁ་གནམ་གཤིས་ཚ་བ་ཆེན་པོ་ཡོད་དུས་འདམ་ཆུའི་ནང་་ལ་འཛུལ་ཡག་ལ་དགའ་པོ་ཡོད་རེད།







%20_edited.png)

II. Bài tập về các cấu trúc hôm nay:
1.
Động từ + ཡག་ལ་ đang làm
ང་ལས་ཀ་བྱེད་ཡག་ལ་དགའ་པོ་ཡོད།
ང་སྐྱག་རྫུན་བཤད་ཡག་ལ་དགའ་པོ་མེད།
ཁོང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད་རེད།
ངའི་གྲོགས་མོ་བསམ་བློ་གཏང་ཡག་ལ་དགའ་པོ་ཡོད་མ་རེད།
ཁོང་སློབ་སྦྱོང་བྱེད་ཡག་ལ་དགའ་པོ་ཡོད་མ་རེད།
ཁྱེད་རང་ག་རེ་བྱེད་ཡག་ལ་དགའ་པོ་ཡོད།
ཁྱེད་རང་ག་རེ་བྱེད་ཡག་ལ་དགའ་པོ་མེད།
2.
Động từ + དུས་ khi làm [điều gì đó]
ང་ལས་ཀ་བྱེད་ཡག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་ང་ལས་ཀ་བྱེད་དུས་སྐྱིད་པོ་འདུག
ང་སྐྱག་རྫུན་བཤད་ཡག་ལ་དགའ་པོ་མེད། གང་ཡིན་ཟེར་ན་ང་སྐྱག་རྫུན་བཤད་དུས་སྐྱིད་པོ་མི་འདུག
ཁོང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད་རེད། གང་ཡིན་ཟེར་ན་ཁོང་ཁ་ལག་བཟོ་དུས་སྐྱིད་པོ་ཡོད་རེད།
ངའི་གྲོགས་མོ་བསམ་བློ་གཏང་ཡག་ལ་དགའ་པོ་ཡོད་མ་རེད། གང་ཡིན་ཟེར་ན་ཁོང་བསམ་བློ་གཏང་དུས་སྐྱིད་པོ་ཡོད་མ་རེད།
ཁོང་སློབ་སྦྱོང་བྱེད་ཡག་ལ་དགའ་པོ་ཡོད་མ་རེད། གང་ཡིན་ཟེར་ན་ཁོང་སློབ་སྦྱོང་བྱེད་དུས་སྐྱིད་པོ་ཡོད་མ་རེད།
ཁྱེད་རང་ལས་ཀ་ག་རེ་བྱེད་དུས་སྐྱིད་པོ་འདུག
3.
བྱས་ཙང་ đó là lý do vì sao, do đó, vì vậy,
ང་ལས་ཀ་བྱེད་དུས་སྐྱིད་པོ་འདུག བྱས་ཙང་ང་ལས་ཀ་བྱེད་ཡག་ལ་དགའ་པོ་ཡོད།
ང་སྐྱག་རྫུན་བཤད་དུས་སྐྱིད་པོ་མི་འདུག བྱས་ཙང་ང་སྐྱག་རྫུན་བཤད་ཡག་ལ་དགའ་པོ་མེད།
ཁོང་ཁ་ལག་བཟོ་དུས་སྐྱིད་པོ་ཡོད་རེད། བྱས་ཙང་ཁོང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད་རེད།
ཁོང་བསམ་བློ་གཏང་དུས་སྐྱིད་པོ་ཡོད་མ་རེད། བྱས་ཙང་ཁོང་བསམ་བློ་གཏང་ཡག་ལ་དགའ་པོ་ཡོད་མ་རེད།
ཁོང་སློབ་སྦྱོང་བྱེད་དུས་སྐྱིད་པོ་ཡོད་མ་རེད། བྱས་ཙང་ཁོང་སློབ་སྦྱོང་བྱེད་ཡག་ལ་དགའ་པོ་ཡོད་མ་རེད།
4.
ག་རེ་བྱས་ནས་ Tại sao?
ཁྱེད་རང་ལས་ཀ་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ང་ལས་ཀ་ལ་དགའ་པོ་ཡོད་གང་ཡིན་ཟེར་ན་ང་ལས་ཀ་བྱེད་དུས་སྐྱིད་པོ་འདུག བྱས་ཙང་ང་ལས་ཀ་ལ་དགའ་པོ་ཡོད།
ཁྱེད་རང་ཁ་ལག་བཟོ་ཡག་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་ང་ཁ་ལག་བཟོ་དུས་སྐྱིད་པོ་འདུག བྱས་ཙང་ང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད།
5.
གང་ཡིན་ཟེར་ན་ bởi vì
ང་མེ་ཏོག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་མེ་ཏོག་སྙིང་རྗེ་པོ་འདུག
ང་གཞས་རྙིང་པ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་གཞས་རྙིང་པ་དེ་ཚོ་སྙན་པོ་འདུག
ང་མེ་ཏོག་དེིའི་དྲི་མ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་མེ་ཏོག་དེའི་དྲི་མ་ཞིམ་པོ་འདུག
ང་ཁ་ལག་འདི་ལ་དགའ་པོ་མེད། གང་ཡིན་ཟེར་ན་ཁ་ལག་འདིའི་བྲོ་བ་ཞིམ་པོ་མི་འདུག
ང་དུག་སློག་དེ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་དུག་སློག་དེ་འཇམ་པོ་འདུག
III. Trả lời các câu hỏi:
A: ཁྱེད་རང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད་པས།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
A: ག་རེ་བྱས་ནས།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
A: ཕྱེ་མ་ལེབ་མར་མེ་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
A: ཤ་བ་པི་ཝང་གི་སྒྲ་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
A: བུང་བ་དེ་ཚོ་མེ་ཏོག་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
A: ཉ་དེ་ཚོ་ཁ་ལག་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
A: གླང་ཆེན་དེ་ཚོ་འདམ་ཆུ་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
B: ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ག་རེ་བྱས་ནས་ tại sao?, གང་ཡིན་ཟེར་ན་ bởi vì, བྱས་ཙང་ đó là lý do tại sao, do đó, vì vậy,
-
དེ་རིང་གི་ཚིག་གསར། Từ vựng hôm nay:

ལོ་མ་ lá

ཡལ་ག་ cành

ཚེར་མ་ gai
![མེ་ཏོག་བཏབ་ [to] plant flowers trồng hoa.webp](https://static.wixstatic.com/media/99f364_63259ebe55dd49a0a471b6f9f9961a27~mv2.webp/v1/fill/w_143,h_122,al_c,q_80,usm_0.66_1.00_0.01,enc_avif,quality_auto/%E0%BD%98%E0%BD%BA%E0%BC%8B%E0%BD%8F%E0%BD%BC%E0%BD%82%E0%BC%8B%E0%BD%96%E0%BD%8F%E0%BD%96%E0%BC%8B%20%5Bto%5D%20plant%20flowers%20tr%E1%BB%93ng%20hoa.webp)
མེ་ཏོག་བཏབ་ [để] trồng hoa,
འདྲ་མིན་སྣ་ཚོགས་ nhiều loại khác nhau, ཁ་ཤས་ một số, མང་ཆེ་བ་ hầu hết, འདྲ་པོ་ giống như, tương tự, དེ་འདྲས་ giống như vậy, ལྡོག་ཕྱོགས་ ngược,

མིག་ mắt

གཟུགས་ hình dạng

ཨམ་ཅོག་ tai

སྒྲ་/སྐད་ âm thanh

སྣ་/སྣ་ཁུང་ mũi

དྲི་མ་ mùi

ལྕེ་/ལྕེ་ལེ་ lưỡi

བྲོ་བ་ vị


ལུས་ cơ thể
རེག་བྱ་ chạm (khách quan)

མྱོང་ trải nghiệm
-
འབྲེལ་ཡོད་ཚིག་གསར། Từ vựng liên quan:

ཕྱེ་མ་ལེབ་ bươm bướm

རི་དྭགས་/ཤ་བ་ con nai

བུང་བ་ con ong

ཉ་ con cá

གླང་ཆེན་ con voi

མར་མེ་ đèn bơ
![[37]-The-Sun-of-Dedication-.png](https://static.wixstatic.com/media/99f364_f4bbcba1f0eb400da31240b5f8a9e9ce~mv2.png/v1/fill/w_147,h_129,al_c,q_85,usm_0.66_1.00_0.01,enc_avif,quality_auto/%5B37%5D-The-Sun-of-Dedication-.png)
འོད་ ánh sáng

པི་ཝང་ đàn luýt, đàn vina

འདམ་ཆུ་ đầm lầy
སྤྱིར་བཏང་བྱས་ན་ nói chung, དྲི་བ་ câu hỏi, ལན་ trả lời,
འི་ཕྱོགས་ལ་/གི་ཕྱོགས་ལ་ theo hướng của, hướng tới,
ཕུར་ bay, མཐོང་ nhìn, གོ་ nghe, འགྲོ་ đi, འཁོར་ lơ lửng, ཚོར་ cảm thấy, འཛུལ་ vào, đi vào, མྱོང་ trải nghiệm,
-
Ngữ Pháp:
I. Thứ Tự Từ Của Câu Ngày Hôm Nay
II. Xem Các Cấu Trúc
III. ཞེ་ས་ Kính Ngữ
I. Thứ tự từ của câu ngày hôm nay:

II. Xem Các Cấu Trúc
1. Động từ + ཡག་ལ་
ཡག་ tương tự như ‘ing’ hoặc ‘to’ với động từ
Ví dụ:
1.
ང་སློབ་སྦྱོང་བྱེད་ཡག་ལ་དགའ་པོ་ཡོད།
ང་ Tôi, /སློབ་སྦྱོང་ học, བྱེད་ཡག་ đang, ལ་ trong/tại/trên/hướng tới, /དགའ་པོ་ sự yêu thích, /ཡོད có, ở đó, །
2.
ང་ཁ་ལག་བཟོ་ཡག་ལ་དགའ་པོ་ཡོད།
ང་ Tôi, /ཁ་ལག་ thức ăn, བཟོ་ཡག་ làm, ལ་ tại, /དགའ་པོ་ sự yêu thích, /ཡོད có, ở đó, །
Lưu ý: Động từ ở cấu trúc này khi viết cần phải ở dạng hiện tại. Động từ ở dạng danh từ khi có ཡག་ ở đó.
Thuật ngữ ལ་ có nghĩa 'tại/trong/trên' là tùy chọn. Đôi khi không được nói
2. Động từ + དུས་ khi làm [điều gì đó]
དུས་ là thời gian, trong cấu trúc (động từ + དུས་), nó nói khi nào hoặc vào thời điểm thực hiện động từ/hành động.
Ví dụ:
1.
ང་སློབ་སྦྱོང་བྱེད་དུས་སྐྱིད་པོ་འདུག
ང་ Tôi, /སློབ་སྦྱོང་ học, བྱེད་དུས་ khi đang làm, /སྐྱིད་པོ་ vui vẻ, /འདུག thì [có ở đó],
2.
ཁྱེད་རང་ཁ་ལག་བཟོ་དུས་སྐྱིད་པོ་འདུག་གས།
ཁྱེད་རང་ bạn, /ཁ་ལག་ thức ăn, བཟོ་དུས་ khi đang làm, /སྐྱིད་པོ་ vui vẻ, /འདུག་གས có không?, །
3. གང་ཡིན་ཟེར་ན་ bởi vì,
Nó trả lời câu hỏi ‘tại sao?’. Lý do được nói sau cụm từ ‘གང་ཡིན་ཟེར་ན་
Ví dụ:
1.
ང་སློབ་སྦྱོང་བྱེད་ཡག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་ང་སློབ་སྦྱོང་བྱེད་དུས་སྐྱིད་པོ་འདུག
ང་ Tôi, /སློབ་སྦྱོང་ học, བྱེད་ཡག་ đang làm, ལ་ tại, /དགའ་པོ་ sự yêu thích, /ཡོད có, ở đó, ། གང་ཡིན་ཟེར་ན་ bởi vì, >ང་ Tôi, /སློབ་སྦྱོང་བྱེད་དུས་ khi đang học, /སྐྱིད་པོ་ vui vẻ, /འདུག có,
2.
ང་མེ་ཏོག་ལ་དགའ་པོ་ཡོད། གང་ཡིན་ཟེར་ན་མེ་ཏོག་སྙིང་རྗེ་པོ་འདུག
ང་ Tôi, /མེ་ཏོག་ hoa, ལ་ hướng tới, tại, /དགའ་པོ་ sự yêu thích, /ཡོད có, đang ở đó, ། གང་ཡིན་ཟེར་ན་ bởi vì, >མེ་ཏོག་ hoa, /སྙིང་རྗེ་པོ་ xinh đẹp, /འདུག có/có ở đó,
4. བྱས་ཙང་ đó là lý do tại sao, do đó, vì vậy,
Nó cũng trả lời câu hỏi ‘tại sao?’. Lý do được nói trước cụm từ ‘བྱས་ཙང་
Ví dụ:
1.
ང་སློབ་སྦྱོང་བྱེད་དུས་སྐྱིད་པོ་འདུག བྱས་ཙང་ང་སློབ་སྦྱོང་བྱེད་ཡག་ལ་དགའ་པོ་ཡོད།
ང་ Tôi, /སློབ་སྦྱོང་བྱེད་དུས་ khi đang học, /སྐྱིད་པོ་ vui vẻ, /འདུག thì, ở đó, བྱས་ཙང་ vì vậy, >ང་ Tôi, /སློབ་སྦྱོང་བྱེད་ཡག་ལ་ khi đang học, /དགའ་པོ་ sự yêu thích, /ཡོད ở đó, །
2.
མེ་ཏོག་སྙིང་རྗེ་པོ་འདུག བྱས་ཙང་ང་མེ་ཏོག་ལ་དགའ་པོ་ཡོད།
མེ་ཏོག་ hoa, /སྙིང་རྗེ་པོ་ xinh đẹp, /འདུག thì, ở đó, བྱས་ཙང་ vì vậy, >ང་ Tôi, /མེ་ཏོག་ལ་ hướng tới hoa, /དགའ་པོ་ sự yêu thích, /ཡོད ở đó, །
Hoa thì xinh đẹp, vì vậy mà tôi yêu thích hoa.
5. ག་རེ་བྱས་ནས་ Tại sao?
Đây là một từ để hỏi ‘tại sao?’. Dùng để hỏi lý do
Ví dụ:
1.
ཁྱེད་རང་མེ་ཏོག་ལ་ག་རེ་བྱས་ནས་དགའ་པོ་ཡོད།
ཁྱེད་རང་ bạn, /མེ་ཏོག་ལ་ hướng về phía hoa, /ག་རེ་བྱས་ནས་ Tại sao?, /དགའ་པོ་ཡོད sự yêu thích, །
2.
ཁོང་མེ་ཏོག་བཏབ་ཡག་ལ་ག་རེ་བྱས་ནས་དགའ་པོ་ཡོད་རེད།
ཁོང་ anh/cô ấy, /མེ་ཏོག་བཏབ་ཡག་ལ་ khi trồng hoa, /ག་རེ་བྱས་ནས་ tại sao?, /དགའ་པོ་ཡོད་རེད thích, །
III. དེ་རིང་གི་ཞེ་ས་ Kính ngữ hôm nay:



.webp)
